ལམ་སྟོན།

 

དྲ་ཚིགས་འདིར་ཕེབས་པའི་ཆོས་གྲོགས་རྣམས་ལ་ཞེན་སྐུལ་ལམ་སྟོན། 

༄༅། །བསྟན་པའི་བདག་པོ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་དང་ལམ་སྟོན་གཞིར་བཟུང་འཕགས་ཡུལ་རྫོང་སར་བཤད་གྲྭ་འདི་ཉིད་ཀྱི་སློབ་ཟུར་རྣམས་གཅིག་ནས་རང་གི་མ་ཡུམ་སློབ་གླིང་འདི་དང་འབྲེལ་ལམ་དམ་ཟབ་ཡོང་བ་དང། གཉིས་ནས་སློབ་ཐོན་ནང་ཕན་ཚུན་ལ་ཡང་འབྲེལ་ལམ་ཡག་པོ་ཡོང་བའི་ཆེད་དུ་<རྫོང་སར་བཤད་གྲྭའི་སློབ་ཟུར་འབྲེལ་མཐུད་དྲ་ཚིགས་>ཞེས་པ་འདི་ཉིད་གསར་བཟོ་བྱས་པ་ཡིན།

དྲ་ཚིགས་འདིར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་སློབ་ཟུར་རྣམས་ཀྱིས་བཤད་གྲྭ་དང་འབྲེལ་བའི་གནས་ཚུལ་གྱི་རིགས་དུས་ལྟར་མཁྱེན་རྟོགས་ཡོང་སླད་བཤད་གྲྭ་དང་འབྲེལ་བའི་གསར་གནས་ཁག་སྤེལ་ས་གསར་འགྱུར་དང་གནས་ཚུལ། སློབ་ཟུར་རྣམ་པ་དྲ་ཚིགས་འདིར་ཐོ་འགོད་བྱ་ས་དང། ཐོ་འགོད་གྲུབ་པ་རྣམས་ནང་འཛུལ་བྱ་ས། ནང་འཛུལ་བྱས་ཏེ་དྲ་ཐོག་ཏུ་བཞུགས་པའི་ཆོས་གྲོགས་རྣམས་དང་བཀའ་མོལ་ཞུ་ས་གླེང་མོལ་གྱི་ཚོམས། བཤད་གྲྭའི་བོད་དབྱིན་རྒྱ་གསུམ་གྱི་དྲ་ཚིགས་སུ་ཐད་ཀར་ཕེབས་གནས་རྫོང་སར་དྲ་ཚིགས། དྲ་ཚིགས་དོ་དམ་པར་འབྲེལ་གཏུག་གནང་ས། དྲ་ཚིགས་འདི་བཀོལ་སྤྱོད་ཀྱི་ལམ་སྟོན་བཅས་ས་བཅད་ལྔ་རུ་བགོས་ཡོད།

  • སྐུ་ཉིད་ཀྱིས་ཐོ་འགོད་ཅེས་པར་ཐོ་འགོད་གནང་རོགས། འདིས་སྐུ་ཉིད་ལ་བཤད་གྲྭ་དང་འབྲེལ་བའི་གསར་གནས་དུས་ལྟར་འབྱོར་བའི་དགེ་མཚན་ཡོད།
  • སྐུ་ཉིད་ཀྱིས་དྲ་ཚིགས་འདིར་གཟིགས་པའི་ཚེ་ནང་འཛུལ་གནང་རོགས། འདིས་མང་སྤྱོད་དང་སྒེར་སྤྱོད་གང་རུང་གི་སྟེང་ནས་སྐུ་ཉིད་དང་ཆོས་གྲོགས་གཞན་གྱི་བར་ལ་བཀའ་མོལ་ལྷུག་པོར་གནང་ཐུབ་པའི་དགེ་མཚན་ཡོད།
  • སྐུ་ཉིད་ཀྱིས་སྒེར་སྤྱོད་དང་ལྷག་པར་དུ་མང་སྤྱོད་ཀྱི་གླེང་མོལ་ཁང་ནང་ནས་གླེང་མོལ་གནང་དུས་སྤྱི་ཚོགས་དང་མི་སྒེར་ལ་གནོད་པའི་གླེང་མོལ་རིགས་མ་མཛད་རོགས། འདི་ནི་དྲ་མང་གི་ཀུན་སྤྱོད་ཀྱི་གནད་དོན་ཡིན་ལ་མི་རེ་ངོ་རེའི་ཀུན་སྤྱོད་ཀྱི་གནད་དོན་ཡང་ཡིན།

 

___  རྫོང་སར་སློབ་ཟུར་འབྲེལ་མཐུད་དྲ་ཚིགས་དོ་དམ་པས།


error: Content is protected !!