2018 ལོའི་རྫོང་སར་སྨོན་ལམ་གསལ་བསྒྲགས།

 

༄༅། །མཁྱེན་ཡངས་ལྷག་བསམ་གྱིས་ཕྱུག་པའི་རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་སློབ་རྣམ་པས་དབུས་པའི་དད་ལྡན་ཡོངས་ཀྱི་སྙན་དབང་ཟབ་མོར།

ཞུ་གསོལ།

སྤྱི་ལོ་ ༢༠༠༦ ནས་བཟུང་སྟོན་མཆོག་ཐུབ་པའི་དབང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་དབུ་བཙུགས་ཤིང། དེང་སང་ལོ་གཉིས་རེའི་མཚམས་སུ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སྨོན་ལམ་འཚོགས་བཞིན་པ་ལས། འདི་ལོ་ཡང་༸སྐྱབས་མཆོག་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང། ༸སྐྱབས་མཆོག་གདུང་སྲས་ཨ་བྷཱ་ཡ་བཛྲ་རིན་པོ་ཆེ་མཆོག། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་རྣམ་པས་དབུས་པའི་བཤད་གྲྭའི་མཁན་སློབ་འདུས་མང་ཡོངས་ཀྱིས་སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༦ ནས་ ༡༥ བར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འབུམ་ཐེར་གསུང་རྒྱུ་དང། ཇི་ལྟར་གསོལ་བ་བཏབ་པ་བཞིན་སྨོན་ལམ་སྐབས་སུ་ཉིན་གསུམ་རིང་༸སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་གསུང་ཆོས་ཀྱང་གནང་གཏན་འཁེལ་བས། ལྷན་རྒྱས་དུས་ཐོག་ཏུ་ཕེབས་གནང་ཡོང་བ་དང། བཞུགས་གནས། ཞལ་ལག ལམ་གྲོན་སོགས་གོ་སྒྲིག་ཞུ་བདེའི་ཆེད་ཕེབས་འཆར་ཡོད་པའི་མཁན་སློབ་རྣམས་ཀྱིས་སྤྱི་ཟླ་ ༡༠ ཚེས་ ༡༥ ལས་མ་འགྱངས་པར་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བར་ཞུ།

འཕགས་ཡུལ་རྫོང་སར་བཤད་གྲྭའི་ལས་ཁུངས་ནས་ ༢༠༡༨།༥།༡ཉིན།

 

འབྲེལ་གཏུག

ལག་ཐོགས་ཁ་པར། :+91 9857799888/7018095827/7018134792

ལས་ཁུངས། : +91-1908 251665

གློག་འཕྲིན། : dzongsarinstitute@yahoo.co.in

 

2018 ལོའི་རྫོང་སར་སྨོན་ལམ་གསལ་བསྒྲགས།


1 thought on “2018 ལོའི་རྫོང་སར་སྨོན་ལམ་གསལ་བསྒྲགས།”


error: Content is protected !!